▵གོང་དུ་མནན་ཏེ་ཉོན།།བློ་སྦྱོང་ཚིག་རྐང་བརྒྱད་མ་བཞུགས། 修心八颂 མཛད་པ་པོ། དགེ་བཤེས་གླང་རི་ཐང་པ། 朗日塘巴尊者
བདག་ནི་སེམས་ཅན་ཐམས་ཅད་ལ།། ཡིད་བཞིན་ནོར་བུ་ལས་ལྷག་པའི།། དོན་མཆོག་སྒྲུབ་པའི་བསམ་པ་ཡིས།། རྟག་ཏུ་གཅེས་པར་འཛིན་པར་ཤོག།
愿我以胜如意宝, 饶益他众之意乐, 时时刻刻倍珍爱, 轮回一切诸有情。
གང་དུ་སུ་དང་འགྲོགས་པའི་ཚེ།། བདག་ཉིད་ཀུན་ལས་དམན་ལྟ་ཞིང་།། གཞན་ལ་བསམ་པ་ཐག་པ་ཡིས།། མཆོག་ཏུ་གཅེས་པར་འཛིན་པར་ཤོག།
愿我交往何人时, 视已较众皆卑下, 诚心诚意又真挚, 尊重他人献爱心。
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ།། རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག། བདག་གཞན་མ་རུངས་བྱེད་པས་ན།། བཙན་ཐབས་གདོང་ནས་བཟློག་པར་ཤོག།
愿我恒常观自心, 烦恼妄念初生时, 毁坏自己他众故, 立即强行而断除。
རང་བཞིན་ངན་པའི་སེམས་ཅན་ནི།། སྡིག་སྡུག་དྲག་པོས་ནོན་མཐོང་ཚེ།། རིན་ཆེན་གཏེར་དང་འཕྲད་པ་བཞིན།། རྙེད་པར་དཀའ་བའི་གཅེས་འཛིན་ཤོག།
愿我目睹恶劣众, 造罪遭受剧苦时, 犹如值遇珍宝藏, 以难得心爱惜之。
བདག་ལ་གཞན་གྱིས་ཕྲག་དོག་གིས།། གཤེ་སྐུར་ལ་སོགས་མི་རིགས་པའི།། གྱོང་ཁ་རང་གིས་ལེན་པ་དང་།། རྒྱལ་ཁ་གཞན་ལ་འབུལ་བར་ཤོག།
愿我于诸以嫉妒, 非理诽谤本人者, 亏损失败自取受, 利益胜利奉献他。
གང་ལ་བདག་གིས་ཕན་བཏགས་པའི།། རེ་བ་ཆེ་བ་གང་ཞིག་གིས།། ཤིན་ཏུ་མི་རིགས་གནོད་ནའང་།། བཤེས་གཉེན་དམ་པར་བལྟ་བར་ཤོག།
愿我于昔曾利益, 深切寄以厚望者, 彼纵非理而陷害, 亦视其为善知识。
|